བསྟན་འཛིན་དཔལ་མོ་ལགས་ནས་སློབ་ཆུང་སྡེ་ཚན་གྱི་དབྱིན་དགེ་རྣམས་ལ་བསླབ་གཞི་གསར་པའི་ཐོག་ཟབ་སྦྱོང་



ཕྱི་ཟླ་༣ཚེས་༡༧ཉིན་རྒན་བསྟན་འཛིན་དཔལ་མོ་ལགས་ནས་སློབ་ཆུང་སྡེ་ཚན་གྱི་དབྱིན་དགེ་རྣམས་ལ་བསླབ་གཞི་གསར་པ་དང་འབྲེལ་བའི་ཀློག་དེབ་ཁག་གི་ངོ་སྤྲོད་དང་མཉམ་དུ་སློབ་འཁྲིད་ཐབས་ལམ་འགའ་རེ་ཡང་མཉམ་སྤེལ་གནང་བ་བཅས་ཀྱི་ཟབ་སྦྱོང་གནང་ཐོབ་བྱུང་བ་བཞིན་འབྲེལ་ཡོད་རྒན་ལགས་རྣམ་པས་ཡང་ཕན་ཚུན་གྲོས་བསྡུར་གྱི་ལམ་ནས་དྭོགས་དྲི་གང་ཡོད་པ་གསལ་ཐབས་གནང་ཐུབ་པ་བྱུང་ཡོད།