ཕྱི་ཟླ་བཞི་པའི་ཚེས་༩ཉིན་



ཕྱི་ཟླ་བཞི་པའི་ཚེས་༩ཉིན་གྱི་འཛིན་རིམ་བཅུ་གཉིས་ཀྱི་བསླབ་པ་ཐར་གསོན་གྱི་མཛད་སྒོའི་སྐུ་མགྲོན་གཙོ་བོ་ནི་བོད་གཞུང་ཤེས་རིག་བཀའ་བློན་སྐུ་དངོས་དངོས་གྲུབ་ཚེ་རིང་ལགས་ཕེབས་ཡོད་པ་བཞིན་མཛད་སྒོ་བསྒྲུབས་རྗེས་གོ་པུར་སློབ་གྲྭ་ཆེ་འབྲིང་གཉིས་ཀྱི་དཔེ་མཛོད་ཁག་དང་ཀློག་ལས་ཁང་དེ་བཞིན་དབྱིན་བོད་གཉིས་ཀྱི་སྐད་ཡིག་ཁང་ལ་སོགས་པར་གཟིགས་སྐོར་དུ་ཕེབས་ཡོད། དེ་རྗེས་ཡང་བསྐྱར་ཚོུད་གཅིག་ཙམ་རིང་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་རྒན་ལགས་རྣམ་པར་ཤེས་ཡོོན་དང་འབྲེལ་བའི་ལམ་སྟོན་བཀའ་སློབ་དང་དམིགས་བསལ་གྱི་གཞི་རིམ་འོག་མ་ནས་སྐད་ཡིག་ཐོག་ཤུགས་སྣོན་དགོས་སྐོར་བཀའ་གནང་བ་དང་དེ་ནས་དྲི་བ་དྲིས་ལན་གྱི་དུས་ཡུན་སྐར་མ་བཅོ་ལྔ་ཙམ་ཡང་གནང་ཡོད་