ཟླ་འདིའི་ཚེས་༢༧ཉིན་

 
  
ཟླ་འདིའི་ཚེས་༢༧ཉིན་གྱི་ཚོགས་ཐེངས་གཉིས་པའི་སྐབས་སྔོན་ཚོད་ནས་ལམ་སྟོན་ཞུས་ཡོད་པ་གཞི་བཟུང་བྱས་ནས་སློབ་ཕྲུག་ཚོར་ས་ཡོག་གི་འཇིགས་པ་ལས་དུས་ཐོག་ཏུ་རང་མགོ་རང་འཐོན་ཐོག་ནས་སྲུང་སྐྱོབ་ཇི་ལྟར་བྱ་དགོས་པའི་སྦྱོང་བརྡར་གནང་བ་ཙམ་མ་ཟད་འབྲེལ་ཡོད་རྒན་ལགས་རྣམ་པས་ཡང་འབྲེལ་ཡོད་འཛིན་གྲྭ་སོ་སོའི་སློབ་ཕྲུག་ཚང་རྩིས་གནང་བ་དང་མཉམ་དུ་དགེ་ཆེ་དང་དགེ་ཆེའི་ཕྱག་རོགས་གཉིས་ནས་སློབ་ཕྲུག་ཚོར་རྐྱེན་ངན་བྱུང་བའི་སྐབས་འཛིན་ཁང་ནས་ཐང་ཁ་རུ་ཇི་ལྟར་ཡོང་སྐོར་ལ་སོགས་པའི་ལམ་སྟོན་ཁ་གསལ་ཞུས་ཡོད།