Monday 31 August 2015

Mr. helmut Kutin visited in gopalpur school



Mr. helmut  Kutin  visited in gopalpur  school on 29th /08/2015………….



Wednesday 5 August 2015

Tuesday 4 August 2015

PARENT-TEACHER -MEETING 7TH AUG 2015

All the parents and the relatives are cordially invited to attend this important meeting on 7th August 2015 at 10a.m.

ཟླ་འདིའི་ཚེས་༢༩ཉིན་སྐད་ཡིག་ལམ་སྟོན་པ་སྐལ་བཟང་དབང་འདུས་ལགས་ཀྱིས་གོ་སྒྲིག་

 ཟླ་འདིའི་ཚེས་༢༩ཉིན་སྐད་ཡིག་ལམ་སྟོན་པ་སྐལ་བཟང་དབང་འདུས་ལགས་ཀྱིས་གོ་སྒྲིག་འོག་མཁས་དབང་མཆོག་བསྟན་འཛིན་སྨོན་ལམ་ལགས་ཀྱིས་ཉེ་འཁོོར་གཞི་རིམ་འོག་མའི་རྒན་ལགས་ཚོར་སློབ་འཁྲིད་གནང་མཁན་གྱི་རྒན་ལགས་རྣམས་ལ ་སྒྲ་འདྲ་ལ་དོན་མི་འདྲ་བའི་ཚིག་གི་སྐོར་དང་བྱིས་སྒྲུང་འབྲི་སྟངས་དང་བསྒྱུར་སྟངས་སྐོར་གྱི་ཟབ་སྦྱོང་ཞིག་གནང་ཡོད་པ་རེད། དེ་ཡང་ཉེ་འཁོར་སློབ་གྲྭ་ཁག་གསུམ་ནས་ཕེབས་ཡོད་པ་ནི་སུ་ཇ་ རྡ་སྟེང་ དང་གོ་པུར་སློབ་གྲྭ་བཅས་ཀྱི་རྒན་ལགས་རྣམས་མཉམ་འཛོམས་ཐོག་ཞོགས་པའི་ཕྱག་ཚོད་༩ ནས་ ༡༢: ༣༠ བར་འཚོག་གནང་ཡོད།།

ཟླ་འདིའི་ཚེས་༢༩ཉིན་འཛིན་རིམ་དྲུག་པའི་རྒན་ལགས་རྣམ་པ་དང་དགེ་ཆེ་མཉམ་བཞུགས་ཐོག་


ཟླ་འདིའི་ཚེས་༢༩ཉིན་འཛིན་རིམ་དྲུག་པའི་རྒན་ལགས་རྣམ་པ་དང་དགེ་ཆེ་མཉམ་བཞུགས་ཐོག་དུས་ཚིགས་དང་པོའི་སློབ་ཕྲུག་ཚོའི་སྦྱང་འབྲས་ལ་ཞིབ་འཇུག་རྒྱུད་ནས་ཡར་རྒྱས་ཅི་བྱུང་ཡོད་དང་མཉམ་དུ་གཙོ་བོ་ཞན་ཆ་ཇི་ཙམ་ཡོད་རིགས་རྣམས་ཀྱི་ཐོག་གོ་བསྡུར་ལྷུག་པོ་གནང་ནས་དུས་ཚིགས་གཉིས་པའི་ནང་འབྲེལ་ཡོད་རྒན་ལགས་ཚོས་ཤུགས་སྣོན་རྒྱག་ཕྱོགས་དང་དེ་དང་འབྲེལ་བའི་ཐབས་ལམ་ཡང་སྤེལ་རེས་གནང་ཡོད་པ་རེད། བརྩོན་པ་གང་ཡང་མ་གནང་མཁན་གྱི་སློབ་བུ་དེ་དག་དགེ་ཆེས་འབོད་ནས་ལམ་སྟོན་དང་ཁ་བརྡ་བསླབ་བྱ་གནང་རྒྱུ་དང་གཟའ་ཉི་མའི་དགོང་མོ་རང་སྦྱོང་དུ་འབོད་ནས་ཟུར་འཁྲིད་གནང་རྒྱུའི་གྲོས་འཆར་ཡང་གནང་ཡོད་།།


སྤྱི་ཟླ་༧ཚེས་༣༠ཉིན་སྐད་ཡིག་ལམ་སྟོན་པ་སྐལ་བཟང་དབང་འདུས་ལགས་ནས་འདི་ག་སློབ་ཆུང་སྡེ་ཚན་

སྤྱི་ཟླ་༧ཚེས་༣༠ཉིན་སྐད་ཡིག་ལམ་སྟོན་པ་སྐལ་བཟང་དབང་འདུས་ལགས་ནས་འདི་ག་སློབ་ཆུང་སྡེ་ཚན་གྱི་དབྱིན་དགེ་ཕུད་པའི་དགེ་ལེགས་ཡོངས་ལ་སྐད་ཡིག་གཙོ་བཟུང་གི་བསླབ་གཞི་དང་སློབ་ཁྲིད་ཐད་སྔོན་ཚོད་ནས་ཞུས་པ་གཞི་བཟུང་གི་རྒན་ལགས་རྣམ་པ་ཚོས་ལག་ལྟར་ཅི་བྱུང་དང་དམིགས་བསལ་གྱི་དཀའ་ངལ་གང་བྱུང་ཡོད་རིགས་ཐད་ཕན་ཚུན་གོ་བསྡུར་ལྷུག་པོ་གནང་བ་ཙམ་མ་ཟད་རྒན་སྐལ་བཟང་དབང་འདུས་ལགས་ཀྱིས་སྔོན་ཞུས་ཟིན་པ་རྣམས་དྲན་གསོ་དང་དམིགས་བསལ་གྱི་ལས་འཆར་འདི་དང་འབྲེལ་བའི་གནང་སྟངས་གནང་ལུགས་ཀྱི་ཐབས་ལམ་འགའ་རེ་ཞིག་ཀྱང་གནང་བ་བཅས་ཀྱི་ཟབ་སྦྱོང་གནང་ཡོད།།


ཕྱི་ཟླ་༧ཚེས་༢༣ཉིན་གོ་སྐབས་འཛིན་གྲྭའི་སློབ་ཚན་སོ་སོའི་རྒན་ལགས་རྣམ་པ་་



 ཕྱི་ཟླ་༧ཚེས་༢༣ཉིན་གོ་སྐབས་འཛིན་གྲྭའི་སློབ་ཚན་སོ་སོའི་རྒན་ལགས་རྣམ་པ་དང་དགེ་ཆེ་མཆོག་མཉམ་འཛོམས་ཐོག་ནས་སློབ་ཕྲུག་ཚོའི་དུས་ཚིགས་དང་པོའི་སྦྱང་འབྲས་ལ་ཞིབ་འཇུག་ལེགས་པར་གནང་ནས་གཙོ་བོ་སྐད་ཡིག་གཉིས་ཐོག་ཡར་རྒྱས་གང་ལེགས་བྱུང་བ་རྣམས་གནས་ཚད་གཞི་བཟུང་གི་འཛིན་གྲྭ་གཉིས་པ་གསུམ་པར་གནས་སྤར་གནང་ཡོད།། གོ་སྐབས་འཛིན་གྲྭར་སྐད་ཡིག་གཉིས་གང་རུང་ཐོག་ཞན་ཆ་ཡོད་རིགས་རྣམས་གནས་སྐབས་རིང་གོ་སྐབས་འཛིན་གྲྭར་བཞག་ནས་དུས་ཚིགས་གཅིག་རིང་དགེ་སློབ་གཉིས་ཀའི་ཐོག་ནས་ཤུགས་སྣོན་ཕར་མ་ཞིག་བརྒྱབ་རྗེས་དུས་ཚིགས་གཅིག་གི་རྗེས་ལ་ཡར་རྒྱས་ལ་ཞིག་ནས་འཛིན་གྲྭ་གནས་སྤར་བྱ་སྲོལ་མཆིས།།

འདི་ལོ་ནས་འཛིན་རིམ་གསུམ་པ་ཡན་གྱི་བོད་ཡིག་འབྲི་ཤོག་སྤྱི་སྙོམ་བྱུང་ན་དགེ་མཚན་ཡོད་སྐོར་

འདི་ལོ་ནས་འཛིན་རིམ་གསུམ་པ་ཡན་གྱི་བོད་ཡིག་འབྲི་ཤོག་སྤྱི་སྙོམ་བྱུང་ན་དགེ་མཚན་ཡོད་སྐོར་ཐེངས་མང་ཞིག་གླེང་བ་བཞིན་ལག་ལྟར་བྱས་ཡོད། དེའི་སླད་དུ་དགེ་སློབ་གཉིས་ཀའི་ངོས་ནས་ཤུགས་སྣོན་ཕར་མ་ཞིག་བརྒྱབས་དང་རྒྱག་བཞིན་མཆིས་ལ་སྦྱོང་བརྡར་ཡིག་རྒྱུགས་ཐེངས་འགའ་རེ་བཏང་ཡོད་པས་དེ་དག་གི་སྦྱངས་འབྲས་ཀྱང་གང་ལེགས་བྱུང་ཡོད་ གོ མས་ན་སླ་བར་མི་གྱུར་བའི་དངོས་དེ་གང་ཡང་ཡོད་མ་ཡིན་ཅེས་གསུང་པ་བཞིན་
དམིགས་བསལ་གྱི་འཛིན་རིམ་གསུམ་པའི་སློབ་ཕྲུག་ཚོ་ཡང་ཡིག་རྒྱུགས་གཏོང་ཐེངས་དང་པོ་ཡིན་རུང་དུས་ཚིགས་དང་པོའི་སྦྱངས་འབྲས་གང་ལེགས་བྱུང་ཡོད།།།   

སྤྱི་ཟླ་བདུན་པའི་ཚེས་དྲུག་ཉིན་



སྤྱི་ཟླ་བདུན་པའི་ཚེས་དྲུག་ཉིན་མོར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བརྒྱད་ཅུ་ཧྲིལ་བོར་ཕེབས་པའི་སྐུའི་གྱ་སྟོན་གྱི་རྟེན་འབྲེལ་གཟབ་རྒྱས་ཤིག་སྲུང་གཙི་ཞུས་ཡོད། དེ་ཡང་སྔ་དྲོ་ལས་བྱེད་སློབ་ཕྲུག་ཡོད་དོ་ཅོག་གིས་རང་མི་རིགས་ཀྱི་ཐུན་མོངས་མ་ཡིན་པའི་ཆས་གོས་ལེགས་པར་སྤྲད་ཏེ་ཞོགས་པའི་བསང་གསོལ་གྱི་མཛད་རིམ་ནས་དབུ་བཙུགས་ཏེ་ལས་སློབ་མཉམ་འཛོམས་ཐོག་འཁྲབ་སྲོལ་ཤིན་ཏུ་ཆེ་བའི་སྟོད་ཀྱི་སྒོར་གཞས་སྣ་མང་ཞིག་ཡང་འཁྲབ་གནང་བ་ཙམ་མ་ཟད་རྩལ་ལྡན་གྱི་ལས་སློབ་ཕོ་མོ་ཕན་ཚུན་བར་ལག་རྩེད་པོ་ལོའི་འགྲན་བསྡུར་ཞིག་ཀྱང་གནང་ཡོད།། བསྐལ་བཟང་གི་ཉིན་མོ་དེར་ནམ་རྒྱུན་གྱི་གུང་ཚིགས་དང་ཐུན་མོང་ཞིག་མ་ཡོང་བའི་སླད་དུ་རྒྱ་གར་ཡུལ་མིའི་གསོལ་ཚིགས་( DAAM )ཞེས་པ་དེ་ལས་སློབ་ཀུན་གྱིས་རོལ་བ་བཅས་ཀྱི་རྒྱུད་ལམ་ནས་༧རྒྱལ་བའི་བཀའ་དྲིན་བརྗེད་དྲན་ཞུས་ཡོད།།