ཟླ་འདིའི་ནང་སློབ་ཆུང་འཛིན་རིམ་གསུམ་པ་

ཟླ་འདིའི་ནང་སློབ་ཆུང་འཛིན་རིམ་གསུམ་པ་ཡན་གྱི་སློབ་ཕྲུག་རྣམས་ཀྱིས་འཛིན་རིམ་གཞི་ཟུང་བྱས་ནས་ཤེས་རབ་འོད་སྣང་ཚོགས་ཁང་དུ་སྔན་ཚོད་ནས་དབྱིན་ཇེའི་སྒྲུང་དེབ་འདེམས་ནས་བཀླགས་པ་དང་དེ་ནས་ནང་དོན་གཙོ་བྲིས་གནང་བ་དེ་དག་དབྱིན་སྐད་གཙང་མའི་ཐོག་ནས་སྨྲ་རྩལ་གྱི་ལས་རིམ་ཞིག་ཡང་གནང་ཡོད་པ་རེད།།

ཟླ་འདིའི་ཚེས་༢༠ཉིན་

ཟླ་འདིའི་ཚེས་༢༠ཉིན་རྡ་ས་རྩེད་ཐང་སྒང་ཚོགས་པས་གོ་སྒྲིག་ཞུས་པའི་འཛལ་གླིང་ཞི་བདེ་མཚོན་སླད་དུ་ལོ་ན་བཅུ་གསུམ་མན་གྱི་སློབ་ཕྲུག་བུ་དང་བོུའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཞིག་དེ་ག་ཉིན་མོའི་སློབ་གྲྭར་གནང་ཡོད་པ་བཞིན་བོད་ཁྱིམ་གོ་པུར་སློབ་གྲྭའི་བུ་མོའི་རུ་ཁག་ལ་བྱ་དགའ་ཨང་རིམ་དང་པོ་དེ་ཐོབ་ཡོད་པ་རེད། བུ་མོའི་ནང་ནས་རྩེད་འགྲན་པ་ལེགས་ཤོས་ཀྱི་བྱ་དགའ་དེ་ཡང་གོ་པུར་སློབ་མ་ཚེ་རིང་ཕུར་བུ་ལགས་ལ་ཐོབ་ཡོད་པ་རེད།།


ཟླ་འདིའི་ཚེས་༢༦གཟའ་སྤེན་


ཟླ་འདིའི་ཚེས་༢༦གཟའ་སྤེན་པའི་ཚོགས་ཐེངས་གསུམ་པར་རྒྱལ་ཞེན་དང་འབྲེལ་བའི་འབྲི་རྩོམ་འགྲན་བསྡུར་གནང་ཡོད་པ་དང་ཉིན་འདིའི་ཕྱི་དྲོའི་ཕྱག་ཚོད་༦: ༤༥ ཐོག་ཤེས་རབ་འོད་སྣང་ཚོགས་ཁང་དུ་རྒྱལ་ཞེན་གྱི་ལས་རིམ་མཐའ་མ་དེ་རྒྱལ་ཞེན་དང་འབྲེལ་བའི་གློག་བརྙན་ཞིག་སློབ་ཕྲུག་ཚོར་གོ་སྒྲིག་ཞུས་ཡོད་པ་རེད།།།

ཟླ་འདིའི་ཚེས་༢༥གཟའ་པ་སངས་


ཟླ་འདིའི་ཚེས་༢༥གཟའ་པ་སངས་ཀྱི་ཕྱི་དྲོའི་པྱག་ཚོད་༦: ༤༥ ལ་རྒྱལ་ཞེན་གྱི་ལས་རིམ་བརྒྱད་པ་སྙན་ཚིག་འགྲན་བསྡུར་གནང་ཡོད་པ་རེད། ཟླ་གཅིག་གི་སྔོན་ཚོད་ནས་བོད་དགེ་དང་འཛིན་དགེ་མཉམ་རུབ་ཐོག་ནས་སློབ་ཕྲུག་རྣམས་ལ་རྒྱལ་ཞེན་དང་འབྲེལ་བའི་སྙན་ཚིག་གོ་སྒྲིག་ཞུས་པ་དང་དུས་རྒྱུན་ནས་ལག་བརྡ་དང་བསྐྱོར་སྦྱོང་ཐད་ལམ་སྟོན་གནང་ཡོད་པས་ལས་རིམ་དེ་རྒྱུད་ནས་སློབ་ཕྲུག་ཚོར་དགེ་ཕན་ཆེན་པོ་བྱུང་ཐུབ་ཡོད་པ་རེད།།