སྤྱི་ལོ་༢༠༡༥ལོར་བོད་ཁྱིམ་གོ་པུར་བྱུང་རིག་སྡེ་ཚན་


སྤྱི་ལོ་༢༠༡༥ལོར་བོད་ཁྱིམ་གོ་པུར་བྱུང་རིག་སྡེ་ཚན་དུ་འཛིན་རིམ་བཅིུག་གི་སློབ་ཕྲུག་གསར་བཞུགས་གྲངས་བརྒྱ་ལྷག་ཙམ་ཞིག་ལ་ཟླ་འདིའི་ཚེས་༡༦དགོང་མོའི་རང་སྦྱོང་གི་དུས་ཡུན་དེར་སློབ་གྲྭའི་ལམ་སྟོན་ཚོགས་ཆུང་གི་ཚོགས་གཙོ་གཙོས་པའི་ཚོགས་མི་རྣམ་པ་དབུ་བཞུགས་ཐོོག་སློབ་ཕྲུག་ཚོར་སློབ་གྲྭའི་ཉིན་དེབ་ནང་བཀོད་ཀྱི་སློབ་ཕྲུག་ཚོས་སྲུང་བརྩི་ཞུ་དགོས་པའི་སྤྱིར་སྒྲིག་ལམ་དོན་ཚན་བཅུ་དང་སྒྲིག་གཞི་ཆེ་ཁག་དྲུག་བཅས་འགྲེལ་བརྗོད་ཞུས་པ་དང་སྦྲགས་ནས་གཙོ་བོ་ལག་ཐོགས་ཁ་པར་ལ་སོགས་པ་ཉར་མི་ཆོག་པ་དང་དེ་རིགས་ཉར་པའི་ཉེས་པ་ཅི་ཡིན་ཁ་གསལ་ལམ་སྟོན་ཞུས།