Wednesday, 21 June 2023

བཀའ་འགྱུར་དག་སྒྲོག

གོ་པུར་རིག་གཞུང་ཚོགས་ཆུང་གིས་གོ་སྒྲིག་འོག ས་ག་ཟླ་བའི་དུས་ཚོད་ཁྱད་པར་ཅན་དང་སྟབས་བསྟུན། ཕྱི་ལོ་༢༠༢༣ ཕྱི་ཟླ་༦ ཚེས་ ༡༥ ། ༡༦ ། ༡༧ བཅས་ཉིན་གྲངས་གསུམ་རིང་། འཛིན་གྲྭ་ལྔ་པ་ནས་བཅུ་གཉིས་བར་གྱི་སློབ་ཕྲུག་རྣམས་དང་། སློབ་གྲྭའི་དགེ་ལས་ཚང་འཛོམས་ཐོག སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་། བསྟན་བདག་བླ་ཆེན་རྣམས་སྐུ་ཚེ་ཡུན་རིང་བརྟན་ཅིང་། གོ་པུར་སློབ་གྲྭའི་ཕྱི་ནང་གི་འགལ་རྐྱེན་བར་ཆད་ཐམས་ཅད་ཞི་བའི་སླད་ཞབས་རིམ་དུ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ཆ་ཚང་བ་ཞིག་དག་སྒྲོག་བཞུས།།





སློབ་ཁྲིད་ཀྱི་ཐབས་ལམ་གོང་མཐོ་དང་ཉམས་གསོག་ལས་རིམ་

 གོ་པལ་པུར་བོད་ཁྱིམ་སློབ་གྲྭ་རུ་ཕྱི་ཟླ་ ༥ ཚེས་ ༣ ནས་ ༨ བར་ཤེས་རིག་གི་མངའ་ཁུལ་དུ་ཡོད་པའི་སམ་བྷོ་ཊའི་གཞི་རིམ་འོག་མའི་བོད་དགེ་བསྟན་འཛིན་དབང་མོ་ལགས། བེད་ལེགས་སྒྲོལ་དཀར་ལགས། བློ་བཟང་བསྟན་རྒྱས་ལགས།བསྟན་འཛིན་ཆོས་སྐྱིད་ལགས། བསྟན་འཛིན་དཔལ་སྒྲོན་ལགས།བློ་བཟང་བསྟན་འཛིན་ལགས་བཅས་ཁྱོན་དགེ་རྒན་དྲུག་ལ་སློབ་ཁྲིད་ཀྱི་ཐབས་ལམ་གོང་མཐོ་དང་ཉམས་གསོག་ལས་རིམ་བྱས་པའི་འདྲ་པར་ཁག



VISIT OF His Eminence the 13th Kundeling Taktsal Choktrul Rinpoche's

 ༄༅། །ཕྱི་ལོ་༢༠༢༣ ཕྱི་ཟླ་༥ ཚེས་༢༥ ཉིན་ཀུན་བདེ་གླིང་རྟ་ཚག་རྗེས་དྲུང་རིན་པོ་ཆེ་མཆོག་གོ་པཱལ་པུར་བོད་ཁྱིམ་དུ་ཆིབས་བསྒྱུར་བསྐྱངས་པ།

དེ་ཉིན་སློབ་གྲྭའི་དགེ་སློབ་ཡོངས་ཀྱིས་རིན་པོ་ཆེ་ཕེབས་བསུ་གཟབ་རྒྱས་ཞུས་ཏེ། རིན་པོ་ཆེར་འཛིན་སྐྱོང་གིས་ཇི་ལྟར་གསོལ་བ་བཏབ་པ་བཞིན། གང་བློ་མའི་འགྲེལ་བརྗོད་དང་བཤད་ལུང་། ལས་འབྲས་ཀྱི་རྣམ་གཞག། མ་ཎི། རྟ་མགྲིན་གྱི་ལུང་བཅས་གནང་ཞིང། སློབ་གྲྭ་ཆེ་བའི་ཕྱོགས་ལ་གཟིགས་སྐོར་ཕེབས། སློབ་གྲྭའི་འཛིན་སྐྱོང་དང་། དགེ་ལས་སློབ་ཕྲུག་ཡོངས་ཀྱིས་རིན་པོ་ཆེ་མཆོག་ལ་བཀའ་དྲིན་བླ་མེད་དུ་ཆེ་ཞུ་རྒྱུ་ཡིན།




STEM Education Program-Session 2023-24.

 On 22nd, 23rd and 25th May, 2023, from Classes 8 to 10 visited Palampur Science Centre (A Unit of national Council of Science Museums).This program was organized by Department of Education Central Tibetan Administration , collaborates for Science Promotion Activities Under STEM Education Program-Session 2023-24.





Tuesday, 2 May 2023

བོད་ཀྱི་ཡིག་གཟུགས་དུས་ཆེན་


༄༅།།རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་ལ་བཀྲིས་རྟེན་འབྲེལ་ཞུ།
ཕྱི་ལོ་༢༠༢༣ཟླ་བ་༤ཚེས་ ༣༠ ཉིན་བོད་ཁྱིམ་གོ་པལ་པུར་འཛིན་རིམ་དང་པོ་ནས་བཅུ་གཉིས་བར་གྱིས་སློབ་མ་མཆིས་སོ་ཅོག་ནས་དགའ་སྤྲོའི་ངང་རང་མི་རིགས་ཀྱི་ཡིག་གཟུགས་དུས་ཆེན་ནང་མཉམ་བཞུགས་སྲུང་རྩི་ཞུས་ཡོད།