ཕྱི་ལོ་༢༠༢༥ཟླ་ ༤ ཚེས་༢༩ཉིན་གཞི་རིམ་འོག་མའི་བོད་དགེ་རྣམ་པའི་ལམ་སྟོན་འོག་བོད་ལྗོངས་ང་ཚོའི་ཕ་ཡུལ་ལམ་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་ཉིན་མོ་ཞེས་པའི་སྲུང་བརྩི་ཞུས་ཡོད། གོ་སྐབས་འཛིན་གྲྭ་ནས་འཛིན་རིམ་དྲུག་པ་བར་གྱི་སློབ་མ་ཚོས་༸རྒྱལ་བའི་བསྟོད་གླུའི་སྙན་ཚིག་དང་མཉམ་གཞས་བཅས་གཟིགས་འབུལ་ཞུས་ཡོད་ལ་དམིགས་བསལ་སྔོན་འགྲོ་འཛིན་གྲྭ་ནས་རྩི་ཤིང་འདེབས་ལས་དང་ཁོར་ཡུག་གཙང་བཟོ་སོགས་༸རྒྱལ་བའི་བཀའ་དྲིན་རྗེས་སུ་དྲན་པའི་ལས་འཆར་སྣ་མང་ཞིག་སྤེལ་ཡོད།