Thursday, 8 May 2025

PROJECT DISPLAY OF TIBET OUR COUNTRY PROJECT

 ༄༅། །ཕྱི་ལོ་༢༠༢༥ལོའི་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་ལས་རིམ།

ཟླ་བ་ ༤ པའི་ཚེས་ ༡ ནས་ཚེས་ ༢༩ བར་འཛིན་གྲྭ་བདུན་པ་ནས་བཅུ་པ་བར་དུ་༸རྒྱལ་བའི་མཛད་རྣམ་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་གཞིར་བཞག་སྟེ་༸རྒྱལ་བའི་མཛད་པ་འཕྲིན་ལས་དང་། གཟེངས་རྟགས་བཞེས་ཚུལ། ཆབ་སྲིད་མི་སྣ་དང་ཆོས་ལུགས་མི་སྣ། ཚན་རིག་མཁས་དབང་མཇལ་འཕྲད་ཇི་བྱུང་སོགས་ཀྱི་ལས་འཆར་དང་། འཛིན་རིམ་བཅུ་གཉིས་ཀྱི་སློབ་མ་ཡོངས་ནས་༸རྒྱལ་བའི་ཐུགས་བསྐྱེད་དམ་བཅའ་བཞིའི་ཐོག་ལ་ལས་འཆར་དང་སྦྱང་བརྩོན་བྱས་ཡོད།
ཟླ་ ༤ ཚེས་ ༣༠ ཉིན་སློབ་གྲྭའི་ཁོར་ཡུག་ནང་འགྲེམས་སྟོན་དང་སློབ་མ་བྱིངས་ལ་འཛིན་གྲྭ་སོ་སོའི་ལས་འཆར་ངོ་སྤྲོད་དང་འགྲེལ་བརྗོད་ཐིལ་ཕྱིན་པ་གནང་།
ཟླ་ ༥ ཚེས་ ༧ ཉིན་གོ་པུར་ལས་བྱེད་དང་འཛིན་གྲྭ་བདུན་པ་ཡན་གྱི་སློབ་མ་རྣམས་ཤེས་རབ་འོད་སྣང་ཚོགས་ཁང་དུ་འདུ་འཛོམས་བྱས་ཏེ་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་ལས་བསྡོམས་དང་། འཛིན་གྲྭ་སོ་སོའི་སྐུུ་ཚབ་རྣམ་པའི་དགེ་སློབ་བྱིངས་ལ་གཏམ་བཤད་དང་སྙིང་དོན་འགྲེལ་བརྗོད་གནང་།
(ཐེངས་འདིའི་ལས་རིམ་ཁག)
༡ འཛིན་གྲྭ་དགུ་པ་དང་བཅུ་པའི་སྐུ་ཚབ་ནས་༸གོང་ས་མཆོག་གི་མཛད་རྗེས་དང་འབྲེལ་བའི་གཏམ་བཤད།
༢འཛིན་གྲྭ་བཅུ་གཉིས་ཀྱི་སྐུ་ཚབ་ནས་ཐུགས་བསྐྱེད་དམ་བཅའ་བཞིའི་ཐོག་ལ་གཏམ་བཤད།
༣ འཛིན་གྲྭ་བདུན་པ་དང་བརྒྱད་པའི་སྐུ་ཚབ་རྣམས་ནས་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་སྙན་ངག་གྱེར་འདོན་བྱས་པའི་མཛད་རིམ་སྙིང་བསྡུས་སོ།།