VISIT OF His Eminence the 13th Kundeling Taktsal Choktrul Rinpoche's

 ༄༅། །ཕྱི་ལོ་༢༠༢༣ ཕྱི་ཟླ་༥ ཚེས་༢༥ ཉིན་ཀུན་བདེ་གླིང་རྟ་ཚག་རྗེས་དྲུང་རིན་པོ་ཆེ་མཆོག་གོ་པཱལ་པུར་བོད་ཁྱིམ་དུ་ཆིབས་བསྒྱུར་བསྐྱངས་པ།

དེ་ཉིན་སློབ་གྲྭའི་དགེ་སློབ་ཡོངས་ཀྱིས་རིན་པོ་ཆེ་ཕེབས་བསུ་གཟབ་རྒྱས་ཞུས་ཏེ། རིན་པོ་ཆེར་འཛིན་སྐྱོང་གིས་ཇི་ལྟར་གསོལ་བ་བཏབ་པ་བཞིན། གང་བློ་མའི་འགྲེལ་བརྗོད་དང་བཤད་ལུང་། ལས་འབྲས་ཀྱི་རྣམ་གཞག། མ་ཎི། རྟ་མགྲིན་གྱི་ལུང་བཅས་གནང་ཞིང། སློབ་གྲྭ་ཆེ་བའི་ཕྱོགས་ལ་གཟིགས་སྐོར་ཕེབས། སློབ་གྲྭའི་འཛིན་སྐྱོང་དང་། དགེ་ལས་སློབ་ཕྲུག་ཡོངས་ཀྱིས་རིན་པོ་ཆེ་མཆོག་ལ་བཀའ་དྲིན་བླ་མེད་དུ་ཆེ་ཞུ་རྒྱུ་ཡིན།