Tuesday, 6 October 2015

ཟླ་འདིའི་ཚེས་༧ཉིན

ཟླ་འདིའི་ཚེས་༧ཉིན་ནས་ཉིན་གྲངས་གསུམ་ཙམ་རིང་བོད་ཁྱིམ་ཤེས་ཡོན་འགན་འཛིན་མཆོག་སློབ་གྲྭར་གཟིགས་སྐོར་དང་སྦྲགས་ནས་སྡེ་ཚན་སོ་སོ་བྱས་ནས་ལས་བྱེད་སློབ་ཕྲུག་ཡོངས་ལ་གཙོ་བོ་ཤེས་ཡོན་དང་ལུས་ངག་ཡིད་གསུམ་གྱི་ཀུན་སྤྱོད་འཁྱེར་ཕྱོགས་ཐད་ལམ་སྟོན་བཀའ་སློབ་ཟབ་རྒྱས་གནང་ཡོད་པ་རེད།།


ཟླ་འདིའི་ཚེས་༥ཉིན་གྱི་ལས་བྱེད་ཉིན་མོའི་མཛད་སྒོ་

 ཟླ་འདིའི་ཚེས་༥ཉིན་གྱི་ལས་བྱེད་ཉིན་མོའི་མཛད་སྒོ་དང་སྟབས་བསྟུན་སྟེ་འདི་ག་སློབ་ཆུང་སྡེ་ཚན་གྱི་ཆོས་དགེ་ལགས་ནས་དགོས་དམིགས་ཆེན་པོའི་ཐོག་ནས་སློབ་ཕྲུག་གི་སླད་དུ་གཙོ་བསྐྲུན་གནང་བའི་བྱིས་པའི་ལྡུམ་རྭ་ཅེས་པའི་སྣ་འཛོམས་ཤེས་བྱའི་ཚགས་ཤོག་ཞིག་གི་དབུ་འབྱེད་གནང་ཡོད་པ་རེད།

Monday, 5 October 2015

སྤྱི་ཟླ་༩ ཚེས་ ༥ ཉིན་ལས་བྱེད་ཉིན་མོ་དེ་ཡིན་པ་རེད།

སྤྱི་ཟླ་༩ ཚེས་ ༥ ཉིན་ལས་བྱེད་ཉིན་མོ་དེ་ཡིན་པ་རེད། སྤྱིར་སློབ་གྲྭའི་སློབ་སྤྱི་མཆོག་གཙོས་པའི་ལས་སྣེ་རྣམ་པ་ཚོས་འབྲེལ་ཡོད་སློབ་གྲྭའི་འགན་བདག་ཚོར་སློབ་མ་སྦྱིངས་ནས་དངུལ་རུབ་གནང་མི་དགོས་པའི་ལས་བྱེད་ཉིན་མོ་སྲུང་བརྩི་ཞུ་ཕྱོགས་ཀྱི་ལམ་སྟོན་ཞུས་ཡོད་ན་ཡང་བཀའ་དྲིན་མཚོན་སླད་དུ་སློབ་གྲྭའི་འགན་བདག་གིས་སྣེ་འཁྲིད་པའི་ཐོག་སྔོན་ཚོད་ནས་གཞས་སྣ་འཁྲབ་སྟོན་དང་རྩེད་མོ་ལ་སོགས་པ་སྣེ་འཛོམས་ཞིག་འདེམས་བཏོན་གྱི་གོ་སྒྲིག་གནང་ཡོད་པ་ཙམ་མ་ཟད་མཆོད་རྫས་ཕུན་གསུམ་ཚོགས་པའི་ཐོག་ནས་སྲུང་བརྩི་ཞུས་ཡོད་པ་རེད


སྤྱི་ཟླ་༨ ཚེས་༣༡ ཕྱི་དྲོ་ཕྱག་ཚོད་༧ པའི་ཐོག་

སྤྱི་ཟླ་༨ ཚེས་༣༡ ཕྱི་དྲོ་ཕྱག་ཚོད་༧ པའི་ཐོག་སློབ་ཆུང་སྡེ་ཚན་གྱི་གོ་སྐབས་འཛིན་གྲྭ་ནས་དྲུག་པ་བར་གྱི་སློབ་ཕྲུག་རྣམས་ཀྱིས་སྙན་འཇེབས་ལྡན་པའི་དབྱིན་ཇེའི་མཉམ་གཞས་གཟིགས་འབུལ་ཞུས་པ་བཞིན་འགྲན་བསྡུར་གྱི་རྣམ་པ་གང་ཡང་མེད་ཀྱང་འཛིན་དགེ་རྣམ་པའི་ལམ་སྟོན་འོག་གྲ་སྒྲིག་གང་ལེགས་གནང་ཡོད་པ་ཞིག་མིག་མཐོང་ལག་ཟིན་བྱུང་ཡོད་པ་རེད།།



༄༅ སྤྱི་ལོ་༢༠༡༥ལོའི་ཕྱི་ཟླ་དགུ་པའི་ནང་གི་སློབ་ཆུང་སྡེ་ཚན་གྱི་ལས་རིམ་གཙོ་གྲས་ཁག།།

སྤྱི་ཟླ་༨ ཚེས་ ༢༩ ཉིན་དགུང་ཕྱག་ཚོད་༡༢ : ༣༠ ཐོག་རྒྱལ་སྤྱིའི་ཨེ་སོ་ཨེ་(S.O.S) ཚོགས་པའི་སྤྱི་ཁྱབ་གཙོ་འཛིན་སྐུ་ཞབས་ཀུ་ཀྲིང་མཆོག་( kutin )འདི་ག་བོད་ཁྱིམ་གོ་པར་པུར་སློབ་གྲྭར་གཟིགས་སྐོར་དུ་ཕེབས་པ་དང་སྦྲགས་ནས་ཉིན་འདི་གའི་སློབ་གྲྭའི་ལྷ་གཞུང་གཟིགས་འབུལ་གྱི་སྐུ་མགྲོན་གཙོ་བོ་ཞིག་ཀྱང་གནང་བ་མ་ཟད་སློབ་ཕྲུག་རྣམས་ལ་ཡང་ལམ་སྟོན་བཀའ་སློབ་ཟབ་རྒྱས་གནང་ཡོད་པ་རེད།།