ཟླ་འདིའི་ཚེས་༢༠ཉིན་

ཟླ་འདིའི་ཚེས་༢༠ཉིན་རྡ་ས་རྩེད་ཐང་སྒང་ཚོགས་པས་གོ་སྒྲིག་ཞུས་པའི་འཛལ་གླིང་ཞི་བདེ་མཚོན་སླད་དུ་ལོ་ན་བཅུ་གསུམ་མན་གྱི་སློབ་ཕྲུག་བུ་དང་བོུའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཞིག་དེ་ག་ཉིན་མོའི་སློབ་གྲྭར་གནང་ཡོད་པ་བཞིན་བོད་ཁྱིམ་གོ་པུར་སློབ་གྲྭའི་བུ་མོའི་རུ་ཁག་ལ་བྱ་དགའ་ཨང་རིམ་དང་པོ་དེ་ཐོབ་ཡོད་པ་རེད། བུ་མོའི་ནང་ནས་རྩེད་འགྲན་པ་ལེགས་ཤོས་ཀྱི་བྱ་དགའ་དེ་ཡང་གོ་པུར་སློབ་མ་ཚེ་རིང་ཕུར་བུ་ལགས་ལ་ཐོབ་ཡོད་པ་རེད།།