ཟླ་འདིའི་ཚེས་༢༤གཟའ་ཕུར་

ཟླ་འདིའི་ཚེས་༢༤གཟའ་ཕུར་བུའི་ཚོགས་ཐེངས་གསུམ་པར་བོད་ཡིག་གི་ཡིག་གཟུགས་འགྲན་བསྡུར་གནང་ཡོད་པ་མ་ཟད་ཕྱི་དྲོའི་ཕྱག་ཚོད་༦: ༤༥ ལ་ཤེས་རབ་འོད་སྣང་ཚོགས་ཁང་ནང་དུ་རྒྱལ་ཞེན་གྱི་རིག་རྩལ་དགོང་འཚོགས་ཀྱི་ལས་རིམ་ཞིག་སྤེལ་ཡོད་ ལས་རིམ་དེའི་ནང་སློབ་ཕྲུག་དོ་བདག་སོ་སོའི་རིག་པའི་རྩལ་གང་ཡོད་པ་བཞིན་རང་འདོད་གནང་ནས་འཛུལ་བཞུགས་བྱས་པ་ཞིག་ཡིན་པའི་ཁར་ལས་རིམ་དེའི་ནང་རྣམ་གྲངས་མི་འདྲ་བ་བཅུ་ཙམ་ཞིག་ཡོད་ རྒྱལ་ཞེན་གྱི་བཀའ་སློབ་ འདྲི་རྩད་ གཞས་སྣ་ གཏམ་བརྗོད་ རི་མོ་ རིག་རྩལ་དགོང་འཚོགས་ ཡིག་གཟུགས་ སྙན་ཚིག་ འབྲི་རྩོམ་ མཐའ་དོན་དེར་རྒྱལ་ཞེན་གྱི་གློག་བརྙན།