ཕྱི་ལོ་༢༠༡༩ལོའི་གོ་པལ་པུར་བོད་ཁྱིམ་གཞི་རིམ་འོག་མའི་རྒྱལ་ཞེན་བདུན་ཕྲག


ཕྱི་ཟླ་ ༡༠ ཚེས་ ༡༤ནས་ ༡༩ བར་སློབ་ཆུང་སྡེ་ཚན་གྱི་བདུན་གཅིག་རིང་རང་ཉིད་རྒྱལ་ཁབ་ལ་དགའ་ཞེན་སླེབས་ཆེད་དུ་ རྒྱལ་ཞེན་བདུན་ཕྲག་ཅེས་ཕྱི་ལོ་༢༠༠༥ནས་འགོ་བཙུགས་ཏེ་ད་ལྟ་བར་མི་ལོ་ཧྲིལ་པོ་བཅུ་བཞི་ཙམ་གོ་པལ་པུར་བོད་ཁྱིམ་ནང་དེའི་རྒྱུན་བཟང་པོ་མི་ཉམས་པར་གནས་ཐོག་མུ་མཐུད་ནས་སྲུང་བརྩི་གནང་བཞིན་ཡོད།  དེ་ཡང་རྒྱལ་ཞེན་བདུན་ཕྲག་ཐེངས་བཅུ་བཞི་པ་དེ་བཞིན་ཕྱི་ཟླ་༡༠ཚེས་༡༤་ནས་ཚསེ་༡༩བར་སྔ་དགོང་དང་ཚོགས་ཐེངས་ལ་བོད་དང་འབྲེལ་བའི་རི་མོ་དང་འབྲི་རྩོམ་གྱི་འགྲན་བསྡུར་གྱི་མཛད་རིམ་འདྲ་མིན་གོ་སྒྲིག་ཞུ་བཞིན་ཡོད། དེ་ཡང་གཙོ་བོ་མི་རིགས་ཤིག་གནས་དང་མི་གནས་ནི་མི་རིགས་འདིའི་སྐད་ཡིག་འཚོ་མིན་ལ་རག་ལུས་ཡོད་སྟབས་དུས་རབས་ཉེར་གཅིག་གི་བོད་པའི་སློབ་ཕྲུག་ཚོར་སློབ་དེབ་ཀྱི་སློབ་ཚན་ཙམ་མ་ཡིན་པར་མཐོང་ཐོས་མྱོང་གསུམ་གྱི་ལམ་ནས་རང་མི་རིགས་ཀྱི་སྐད་ཡིག་དང་འབྲེལ་བའི་རིག་གཞུང་དང་ཆོས་སོགས་མི་ཉམས་རྒྱུན་འཛིན་ཐུབ་ཐབས་ཀྱི་ཐབ་ལམ་ཡག་ཤོས་ནི་ལས་འཆར་འདིའི་རིགས་ཡིན་པར་བརྟེན་སྤྱི་ལོ་༢༠༡༩ལོ་མཇུག་ནས་བོད་དགེ་ཚོས་ལོ་རྗེས་མའི་ལས་རིམ་ཐོག་དགོངས་པ་ཆེ་བཞེས་ཀྱི་ལས་རིམ་སྒྲིག་གི་ཡོད།    རྒྱལ་ཞེན་བདུན་ཕྲག་གི་མཛད་རིམ་གང་ཡོད་པ་ཆ་ཚང་སྡེ་ཚན་གྱི་བོད་དགེ་རྣམ་པ་ལྷན་འཛོམས་ཐོག་བཟོས་པ་ཤ་སྟག་ཡིན། མཐར་དགེ་ཆེ་མཆོག་ལ་མཛད་རིམ་གང་ཡིན་པ་ཡིག་ཐོག་ཏུ་བྲིས་ནས་སྙན་གསན་ཞུས་ཀྱི་ཡོད།
·