སློབ་གྲྭ་ཁག་དྲུག་བར་གྱི་བོད་ཡིག་དག་ཆ་འགྲན་སྡུར།

སློབ་གྲྭ་ཁག་དྲུག་བར་གྱི་བོད་ཡིག་དག་ཆ་འགྲན་སྡུར།
ཕྱི་ལོ་ ༢༠༡༩ ཟླ་བ་ ༡༠ ཚེས་ ༩ ཉིན་དགོང་དྲོ་ཆུ་ཚོད་ལྔ་པའི་ཐོག་འདི་ག་གོ་པལ་པུར་བོད་ཕྲུག་ཁྱིམ་སྡེའི་གོ་སྒྲིག་འོག སློབ་གྲྭའི་ཤེས་རབ་འོད་སྣང་ཚོགས་ཁང་ནང་ཧི་མ་ཅལ་མངའ་ཁུལ་བོད་པའི་སློབ་གྲྭ་ཁག་དྲུག་བར་བོད་ཡིག་དག་ཆ་འགྲན་སྡུར་མཛད་ཡོད། སྐབས་དེར་མགྲོན་གྱི་གཙོ་བོ་བོད་ཀྱི་དཔེ་མཛོད་ཁང་གི་ཉམས་ཞིབ་པ་རྒན་ན་ག་སངས་རྒྱས་དར་ལགས་དང། དམིགས་བསལ་སྐུ་མགྲོན་བོད་ཁྱིམ་སྤྱི་ཁྱབ་བོད་དྲུང་རྒན་ཆོས་དབྱིངས་དོན་གྲུབ་ལགས་རྣམ་པ་གཉིས་ཆེད་དུ་གདན་འདྲེན་བཞུས་ཡོད། གཞན་ཡང་བོད་ཁྱིམ་སློབ་གྲྭའི་རྒྱུས་སྟོན་པ་རྒན་མིང་ཆུང་ལགས། དག་ཆ་འགྲན་སྡུར་གྱི་ལས་གཞི་འདིའི་ཐོག་མཐུན་རྐྱེན་རོགས་སྐྱོར་གནང་མཁན་ཕ་སྐད་གཅེས་སྐྱོང་ཚོགས་པའི་ཚོགས་མི་རྣམ་པ་གསུམ་དང་། སློབ་གྲྭ་ཁག་དྲུག་གི་སྣེ་འཁྲིད་བོད་དགེ་རྣམས་པ་དང། སློབ་གླིང་འདིའི་ངེས་སྟོན་པ་དང་། སློབ་སྤྱི། སློབ་གྲྭ་ཆེ་འབྲིང་གཉིས་ཀྱི་དགེ་ཆེ་དང་། དགེ་ཆེའི་ཕྱག་རོགས་དགེ་ལས་རྣམས་པ་བཅས་ཕེབས་ཡོད། དག་ཆ་འགྲན་སྡུར་ནང་རྡ་ཤོད་བོད་ཁྱིམ། ཅོན་ཏ་ར་སམ་བྷོ་ཊ། སུ་ཇཱ་བོད་ཁྱིམ། ཅོན་ཏ་ར་བོད་ཁྱིམ། རྡ་སྟེང་བོད་ཁྱིམ། གོ་པལ་པུར་བོད་ཁྱིམ་བཅས་སློབ་གྲྭ་ཁག་དྲུག་དང། སློབ་གྲྭ་རེ་ནས་སློབ་མ་གསུམ་རེ་དང་ཁྱོན་བསྡོམས་སློབ་མ་༡༨ མཉམ་བཞུགས་གནང་ཡོད། དག་ཆར་མཚོན་ན་ཆོས་ཚིག། ཁྱད་ཚིག མིང་ཚིག བྱ་ཚིག མངོན་བརྗོ། ཐ་སྙད་གསར་པ་བཅས་རྣམ་གྲངས་མི་འདྲ་བ་དྲུག་ཙམ་ཡོད། དག་ཆ་འགྲན་སྡུར་འདིའི་ཐོག་སློབ་གྲྭའི་འཛིན་སྐྱོང་གིས་རྒྱབ་སྐྱོར་སློབ་གྲྭ་བོད་དགེ་རྣམས་ཀྱིས་དག་ཆ་གྲ་སྒྲིག་གི་གཙོ་འགན་བཞེས་ཡོད། དངོས་གཞིའི་དག་ཆ་འགྲན་སྡུར་དགོང་དྲོ་ཆུ་ཚོད་༥ ནས་ ༨ བར་དུས་ཡུན་ཆུ་ཚོད་གསུམ་ཙམ་འགོར། འགྲན་སྡུར་འདིའི་ནང་མཐའ་མའི་གྲུབ་འབྲས་ཐད། ཨང་དང་པོ་རྡ་སྟེང་བོད་ཁྱིམ། ཨང་གཉིས་པ་གོ་པལ་པུར་བོད་ཁྱིམ། ཨང་གསུམ་པ་རྡ་ཤོད་ཁྱིམ་ལ་ཐོབ། སློབ་མ་སྒེར་གྱི་ཨང་རིམ་ནི། ཨང་དང་པོ་གོ་པལ་པུར་བོད་ཁྱིམ་སློབ་གྲྭའི་སློབ་མ་བསྟན་འཛིན་འཆི་མེད་ལགས་ལ་ཧིར་སྒོར་༡༠༠༠༠ ཨང་གཉིས་པ་རྡ་ཤོད་བོད་ཁྱིམ་སློབ་གྲྭའི་སློབ་མ་བསྟན་འཛིན་སྒྲོལ་མ་ལགས་ལ་ཧིན་སྒོར་༨༠༠༠ ཨང་གསུམ་པ་ཅོན་ཏ་ར་བོད་ཁྱིམ་སློབ་གྲྭའི་སློབ་མ་བསོད་ནམས་སྒྲོལ་མ་ལགས་ལ་ཧིན་སྒོར་༥༠༠༠ དང་ཕྱག་འཁྱེར་བཅས་སྐུ་མགྲོན་གཙོ་བོ་མཆོག་གིས་གནང་ཡོད། གཞན་ཡང་འཛུལ་བཞུགས་བ་རྣམས་ལ་ཡང་ཧིར་སྒོར་༤༠༠ དང་ཕྱག་འཁྱེར་བཅས་དམིགས་བསལ་སྐུ་མགྲོན་མཆོག་གིས་གནང་སྟེ་དག་ཆ་འགྲན་སྡུར་འདི་བཞིན་རྒྱལ་ཁའི་ངང་མཇུག་བསྒྲིལ་ཡོད།