ཕྱི་ཟླ་༧ཚེས་༢༣ཉིན་གོ་སྐབས་འཛིན་གྲྭའི་སློབ་ཚན་སོ་སོའི་རྒན་ལགས་རྣམ་པ་་



 ཕྱི་ཟླ་༧ཚེས་༢༣ཉིན་གོ་སྐབས་འཛིན་གྲྭའི་སློབ་ཚན་སོ་སོའི་རྒན་ལགས་རྣམ་པ་དང་དགེ་ཆེ་མཆོག་མཉམ་འཛོམས་ཐོག་ནས་སློབ་ཕྲུག་ཚོའི་དུས་ཚིགས་དང་པོའི་སྦྱང་འབྲས་ལ་ཞིབ་འཇུག་ལེགས་པར་གནང་ནས་གཙོ་བོ་སྐད་ཡིག་གཉིས་ཐོག་ཡར་རྒྱས་གང་ལེགས་བྱུང་བ་རྣམས་གནས་ཚད་གཞི་བཟུང་གི་འཛིན་གྲྭ་གཉིས་པ་གསུམ་པར་གནས་སྤར་གནང་ཡོད།། གོ་སྐབས་འཛིན་གྲྭར་སྐད་ཡིག་གཉིས་གང་རུང་ཐོག་ཞན་ཆ་ཡོད་རིགས་རྣམས་གནས་སྐབས་རིང་གོ་སྐབས་འཛིན་གྲྭར་བཞག་ནས་དུས་ཚིགས་གཅིག་རིང་དགེ་སློབ་གཉིས་ཀའི་ཐོག་ནས་ཤུགས་སྣོན་ཕར་མ་ཞིག་བརྒྱབ་རྗེས་དུས་ཚིགས་གཅིག་གི་རྗེས་ལ་ཡར་རྒྱས་ལ་ཞིག་ནས་འཛིན་གྲྭ་གནས་སྤར་བྱ་སྲོལ་མཆིས།།