Thursday, 30 April 2015

བདུན་རེའི་གཟའ་ཕུར་བུའི་ཞོགས་པའི་འདུ་འཛོམས་སྐབས་འཛིན་གྲྭ་རེས་མོད་ཀྱི་སྐད་ཡིག་གཉིས་ཀྱི་ཐོག་ནས་བཀའ་སློབ་ གཏམ་བརྗོད་


བདུན་རེའི་གཟའ་ཕུར་བུའི་ཞོགས་པའི་འདུ་འཛོམས་སྐབས་འཛིན་གྲྭ་རེས་མོད་ཀྱི་སྐད་ཡིག་གཉིས་ཀྱི་ཐོག་ནས་བཀའ་སློབ་ གཏམ་བརྗོད་ སྙན་ཚིག་བསྐྱོར་འདོན་དང་ད་དུང་ཡང་རང་མི་རིགས་ཀྱི་རྩ་དོན་དང་ཐུན་མོང་མ་ཡིན་པའི་ཁ་བའི་ཡུལ་ལྗོངས་ལ་བསྟོད་པའི་གཞས་ཚིག་གི་རབ་ཏུ་ཕྱུག་པའི་ཉམས་འགྱུར་ལྡན་པའི་གཞས་སྣ་གཏོང་སྲོལ་ཡང་མཆིས།


སྤྱི་ལོ་༢༠༡༥ལོར་བོད་ཁྱིམ་གོ་པུར་བྱུང་རིག་སྡེ་ཚན་


སྤྱི་ལོ་༢༠༡༥ལོར་བོད་ཁྱིམ་གོ་པུར་བྱུང་རིག་སྡེ་ཚན་དུ་འཛིན་རིམ་བཅིུག་གི་སློབ་ཕྲུག་གསར་བཞུགས་གྲངས་བརྒྱ་ལྷག་ཙམ་ཞིག་ལ་ཟླ་འདིའི་ཚེས་༡༦དགོང་མོའི་རང་སྦྱོང་གི་དུས་ཡུན་དེར་སློབ་གྲྭའི་ལམ་སྟོན་ཚོགས་ཆུང་གི་ཚོགས་གཙོ་གཙོས་པའི་ཚོགས་མི་རྣམ་པ་དབུ་བཞུགས་ཐོོག་སློབ་ཕྲུག་ཚོར་སློབ་གྲྭའི་ཉིན་དེབ་ནང་བཀོད་ཀྱི་སློབ་ཕྲུག་ཚོས་སྲུང་བརྩི་ཞུ་དགོས་པའི་སྤྱིར་སྒྲིག་ལམ་དོན་ཚན་བཅུ་དང་སྒྲིག་གཞི་ཆེ་ཁག་དྲུག་བཅས་འགྲེལ་བརྗོད་ཞུས་པ་དང་སྦྲགས་ནས་གཙོ་བོ་ལག་ཐོགས་ཁ་པར་ལ་སོགས་པ་ཉར་མི་ཆོག་པ་དང་དེ་རིགས་ཉར་པའི་ཉེས་པ་ཅི་ཡིན་ཁ་གསལ་ལམ་སྟོན་ཞུས།

ཕྱི་ཟླ་བཞི་པའི་ཚེས་༩ཉིན་



ཕྱི་ཟླ་བཞི་པའི་ཚེས་༩ཉིན་གྱི་འཛིན་རིམ་བཅུ་གཉིས་ཀྱི་བསླབ་པ་ཐར་གསོན་གྱི་མཛད་སྒོའི་སྐུ་མགྲོན་གཙོ་བོ་ནི་བོད་གཞུང་ཤེས་རིག་བཀའ་བློན་སྐུ་དངོས་དངོས་གྲུབ་ཚེ་རིང་ལགས་ཕེབས་ཡོད་པ་བཞིན་མཛད་སྒོ་བསྒྲུབས་རྗེས་གོ་པུར་སློབ་གྲྭ་ཆེ་འབྲིང་གཉིས་ཀྱི་དཔེ་མཛོད་ཁག་དང་ཀློག་ལས་ཁང་དེ་བཞིན་དབྱིན་བོད་གཉིས་ཀྱི་སྐད་ཡིག་ཁང་ལ་སོགས་པར་གཟིགས་སྐོར་དུ་ཕེབས་ཡོད། དེ་རྗེས་ཡང་བསྐྱར་ཚོུད་གཅིག་ཙམ་རིང་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་རྒན་ལགས་རྣམ་པར་ཤེས་ཡོོན་དང་འབྲེལ་བའི་ལམ་སྟོན་བཀའ་སློབ་དང་དམིགས་བསལ་གྱི་གཞི་རིམ་འོག་མ་ནས་སྐད་ཡིག་ཐོག་ཤུགས་སྣོན་དགོས་སྐོར་བཀའ་གནང་བ་དང་དེ་ནས་དྲི་བ་དྲིས་ལན་གྱི་དུས་ཡུན་སྐར་མ་བཅོ་ལྔ་ཙམ་ཡང་གནང་ཡོད་