ཟླ་འདིའི་ཚེས་༢༣གཟའ་ལྷག་པའི་ཚོགས་ཐེངས་གསུམ་པར་རྒྱལ་ཞེན་གྱི་ལས་རིམ་བཞི་པ་དེ་ལ་འཛིན་གྲྭ་ནང་ཁུལ་གྱི་རྒྱལ་ཞེན་དང་འབྲེལ་བའི་རི་མོ་འགྲན་བསྡུར་ཞིག་གནང་ཡོད་པ་དང་ཕྱི་དྲོའི་ཕྱག་ཚོད་༦ : ༤༥ ཐོག་རྒྱལ་ཞེན་གྱི་ལས་རིམ་ལྔ་པ་འཛིན་གྲྭ་ནང་ཁུལ་གྱི་གཞས་སྣ་འགྲན་བསྡུར་གནང་ཡོད་པ་རེད།།།



Tuesday, 6 October 2015
ཟླ་འདིའི་ཚེས་༢༢གཟའ་མིག་དམར་གྱི་ཕྱི་དྲོའི་ཕྱག་ཚོད་༦: ༤༥ ཐོག་
ཟླ་འདིའི་ཚེས་༢༢གཟའ་མིག་དམར་གྱི་ཕྱི་དྲོའི་ཕྱག་ཚོད་༦: ༤༥ ཐོག་རྒྱལ་ཞེན་གྱི་ལས་རིམ་གསུམ་པ་དག་ཆ་འདྲི་རྩད་འགྲན་བསྡུར་གནང་ཡོད་ དེ་ཡང་འཛིན་གྲྭ་གསུམ་པ་ནས་དྲུག་པ་བར་གྱི་སློབ་ཕྲུག་འཛུལ་བཞུགས་པ་ཁྱོན་གྲངས་༤༠ཙམ་ཡོད་པ་མ་ཟད་སྔོན་ལོ་དང་མི་འདྲ་བ་ཞིག་ལ་གཙོ་སྐྱོང་བ་དང་དྲི་བ་གཏོང་མཁན་ཡོད་དོ་ཅོག་སློབ་ཕྲུག་ཁོ་ན་ལས་དགེ་རྒན་གྱི་རྒྱབ་ཕྱོགས་ནས་ལམ་སྟོན་ཙམ་ལས་མེད།།།།
ཟླ་འདིའི་ཚེས་༢༡ གཟའ་ཟླ་བ་ནས་སློབ་ཆུང་སྡེ་ཚན་གྱི་རྒྱལ་ཞེན་བདུན་ཕྲག་དབུ་བཙུགས་ཞུས་པ་
ཟླ་འདིའི་ཚེས་༢༡ གཟའ་ཟླ་བ་ནས་སློབ་ཆུང་སྡེ་ཚན་གྱི་རྒྱལ་ཞེན་བདུན་ཕྲག་དབུ་བཙུགས་ཞུས་པ་བཞིན་སྔ་དྲོའི་ཕྱག་ཚོད་༨ : ༣༠ ཐོག་སཱ་ར་བོད་ཀྱི་མཐོ་སློབ་ཀྱི་སློབ་སྤྱི་དགེ་ཤེས་འཇལ་དཔལ་གྲགས་པ་ལགས་ཀྱིས་རྒྱལ་ཞེན་དང་འབྲེལ་བའི་བཀའ་སློབ་གནང་བ་དང་ཕྱི་དྲོའི་ཕྱག་ཚོད་༦: ༤༥ ཐོག་རྒྱལ་ཞེན་གྱི་གཏམ་བརྗོད་༼ ཕ་མས་ཕྲུ་གུའི་ཤེས་སྤྱོད་གཉིས་ཀྱི་ཐད་འགན་ཁུར་བཞེས་ཕྱོགས་༽ ཅེས་གཏམ་བརྗོད་ཞིག་འབུལ་ལམ་ཞུས་ཡོད།
ཟླ་འདིའི་ཚེས་༡༤ཉིན་
ཟླ་འདིའི་ཚེས་༡༤ཉིན་བོད་ཁྱིམ་སྤྱི་ཡོངས་ཀྱི་དབྱིན་དགེའི་སྣེ་འཁྲིད་པ་རྒན་བསྟན་འཛིན་དཔལ་མོ་ལགས་ཕེབས་ནས་སློབ་ཆུང་དབྱིན་དགེ་རྣམས་ཀྱི་སློབ་འཁྲིད་ལ་ཉམས་ཞིབ་གནང་བ་ཙམ་མ་ཟད་རྒན་དཔལ་མོ་ལགས་ཀྱིས་སློབ་འཁྲིད་དངོས་སུ་གནང་ནས་སློབ་མར་མཚམས་པའི་ཐབས་ལམ་གསར་པ་འགའ་ཞིག་སྤེལ་གནང་ཡོད་པ་རེད།།











