ཕྱི་ཟླ་༦པའི་ཚེས་༢༩ཉིན་སློབ་ཆུང་སྡེ་ཚན་གྱི་ཟླ་རེའི་ཚོགས་འདུ་ཐེངས་གསུམ་པའི་ཐོག་

ཕྱི་ཟླ་༦པའི་ཚེས་༢༩ཉིན་སློབ་ཆུང་སྡེ་ཚན་གྱི་ཟླ་རེའི་ཚོགས་འདུ་ཐེངས་གསུམ་པའི་ཐོག་སྔོན་ཚོད་ནས་དབྱིན་ཇེ་བོད་ཡིག་ལ་སོགས་པའི་སྡེ་ཚན་སོ་སོས་བསམ་འཆར་ལ་སྤྱི་མུས་བྱུང་བའི་དགོངས་འཆར་རྣམས་ཀྱི་ཐོག་སྡེ་ཚན་གྱི་དགེ་ཆེ་གཙོས་པའི་རྒན་ལགས་ཀུན་ཚང་འཛོམས་ཀྱི་ཐོག་གོ་བསྡུར་ལྷུག་པོ་གནང་ནས་སྐབས་ཐོག་ཏུ་ཐག་བཅོད་མི་ཐུབ་པའི་དགོངས་འཆར་རྣམས་ཚིག་ཐོ་བཀོད་ནས་གན་འཛིན་ལྷན་ཚོགས་ལ་འཕུལ་སྲོལ་ཡོད་པ་བཞིན་དེ་ལྟར་གནང་ཡོད།།