Wednesday, 30 April 2025

TIBETAN HANDWRITING COMPETITION

 དེ་རིང་ཕྱི་ཟླ་ ༤ པའི་ཚེས་ ༣༠ ཉིན་བོད་ཀྱི་ཡིག་གཟུགས་ཉིན་མོ་སྟབས་བསྟུན་གོ་པལ་པུར་བོད་ཕྲུག་ཁྱིམ་སྡེའི་ནང་བོད་ཡིག་སྡེ་ཚན་གྱིས་གོ་སྒྲིག་འོག་ཉིན་རྒྱབ་ཚོགས་ཐེངས་བདུན་པར་འཛིན་རིམ་དང་པོ་ནས་བཅུ་གཉིས་བར་གྱི་སློབ་མ་ཡོངས་ལ་ཡིག་གཟུགས་འགྲན་བསྡུར་གྱི་བྱེད་སྒོ་ཞིག་སྤེལ་ཡོད། དེ་ཡང་ཕྱི་ཟླ་ ༤ བོད་ཀྱི་དབྱངས་བཞི་དང། ཚེས་ ༣༠ གསལ་བྱེད་སུམ་ཅུ་མཚོན་ཡོད།



Saturday, 26 April 2025

TIBETAN SPEECH PRESENTATION

 ༄༄། །ཕྱི་ལོ་ ༢༠༢༥/༤/༢༥ རེས་གཟའ་ཕུར་བུ་ཉིན་འདི་གར་གོ་པལ་པུར་བོད་ཕྲུག་ཁྱིམ་སྡེའི་ནང་རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་སླད་དུ། འཛིན་གྲྭ་དགུ་པ་དང་། བཅུ་པ། བཅུ་གཉིས་བཅས་ཀྱི་སློབ་མ་བརྒྱད་ནས་༧རྒྱལ་བའི་ཐུགས་སྐྱེད་དམ་བཅའ་བཞིའི་ཐོག་ལ་གཏམ་བཤད་བྱས་པའི་བརྙན་པར་ཁག



Thursday, 24 April 2025

PRAYER FOR LONG LIFE OF HIS HOLINESS

 སྤྱི་ཟླ་བཞི་པའི་ཚེ་ཉི་ཤུ་གསུམ་ཉིན་མོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་ཡུལ་དུ་བརྟན་པ་དང་སློབ་གྲྭའི་ལས་དོན་ཚང་མ་བྱ་བ་ལེགས་བསྒྲུབ་ཡོང་བའི་ཆེད་བོད་ཁྱིམ་གོ་པུར་སློབ་གྲྭའི་ཞབས་རིམ་སྒྲོལ་མ་ཉིན་ཚོགས་ཞོགས་པ་ཕྱག་ཚོད་དགུ་པ་ནས་དགུང་མོ་ཕྱག་ཚོད་དགུ་པའི་བར་དུ་བསྒྲུབས་ཡོད།



Tuesday, 22 April 2025

EARTH DAY

 Today, on April 22nd, 2025, the social department celebrated World Earth Day with the theme "Our Power, Our Planet." The World Earth Day presentation was conducted by Tenzin Tsomo la, a student from Class 10th. Following this, a quiz contest was hosted by Gen Kunsang Gyatso la for students from Classes 7 to 12, with each section comprising two questions. Afterward, the senior headmaster, Gen Dawa Gyatso, distributed prizes for the World Earth Day drawing competition for Classes 7 and 8. Finally, prizes were given for the poem and essay competitions on the topics of Our Earth and Compassion for students in Classes 9 to 12.




TIBETAN READING PROGRAM

 བོད་ལྗོངས་ང་ཚོའི་ཕ་ཡུལ་གྱི་ལས་འཆར་དང་འབྲེལ་བོད་ཁྱིམ་གོ་པལ་པུར་གྱི་འཛིན་རིམ་བརྒྱད་པའི་སློབ་མ་ཉི་ཤུ་ཡིས་རང་ཉིད་ལས་ཆུང་བའི་ལོ་ཆུང་བྱིས་པ་འཛིན་རིམ་དང་པོ་ནས་གསུམ་པའི་སློབ་མ་རྣམས་ལ་རང་མི་རིགས་ཀྱི་སྐད་ཡིག་གི་རྨང་གཞི་ཡར་རྒྱས་ལ་དམིགས་ཏེ་གཙོ་བོ་ཞོགས་པ་ཚོུད་ ༧ ། ༣༠ ནས་ ༨ ། ༣༠ བར་ཟླ་བ་གཅིག་རིང་ཀློག་བརྡར་ཐོག་རོགས་སྐྱོར་གནང་བཞིན་པ།




Friday, 18 April 2025

PEER PRESSURE AND ANTI BULLYING DAY

 Today’s morning assembly was dedicated to Peer Pressure and Anti-Bullying Day — a powerful reminder to support one another, speak up, and create a safe, respectful space for all.




Thursday, 10 April 2025

TIBETAN POEM RECITATION

 ཕྱི་ལོ་༢༠༢༥ ཟླ་ ༤ ཚེས་ ༩ རེས་གཟའ་ལྷག་པའི་དགོང་དྲོ་འདི་ག་གོ་པལ་པུར་བོད་ཁྱིམ་སློབ་གྲྭའི་བོད་ཡིིག་སྡེ་ཚན་གྱི་གོ་སྒྲིག་འོག་ཤེས་རབ་འོད་སྣང་གི་ཚོགས་ཁང་ནང་འདི་ལོ་༸གོང་ས་མཆོག་དགུང་གྲངས་༩༠ ཕེབས་པའི་གོ་སྟོན་སྲུང་བརྩི་ཆེད། འཛིན་གྲྭ་བདུན་པ་དང་བརྒྱད་པའི་སློབ་མ་ཚོས་རྒྱལ་བའི་བཀའ་དྲིན་རྗེས་དྲན་ཞེས་པའི་བརྗོད་གཞིའི་ཐོག་སྙན་ངག་གྱེར་འདོན་ཞུས་ཡོད།




DRAMA BY TIBETAN YOUTH CONGRESS

 ཕྱི་ལོ་༢༠༢༥ ཟླ་ ༤ ཚེས་ ༤ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག། བོད་ཀྱི་གཏམ་བརྗོད་ཚོགས་པའི་ངོས་ནས་གོ་པལ་པུར་བོད་ཁྱིམ་སློབ་གྲྭའི་ཤེས་རབ་འོད་སྣང་ཚོགས་ཁང། དལྟའི་ཆར་རྒྱ་དམར་གྱིས་བོད་ནང་བོད་ཀྱི་ཆོས་དང་རིག་གཞུང། ཡུལ་གོམས་གཤིས་ལུགས་སོགས་གཏོར་བཅོམ་ཚད་ལས་འདས་པ་བཏང་དང་གཏོང་མུས་དང། བོད་ཕྲུག་རྣམས་རྒྱའི་བཅའ་སྡོད་སློབ་གྲྭར་བཙན་གྱིས་ཁྲིད་ནས་རྒྱ་སྐད་རྒྱ་ཡིག་ལས་བོད་སྐད་བོད་ཡིག་སྦྱོང་སྤྱོད་མི་ཆོག་པའི་དངོས་ཡོད་གནས་ཚུལ་མཚོན་པའི་གཏམ་བརྗོད་ཅིག་འཁྲབ་སྟོན་གནང་ཡོད།



Wednesday, 9 April 2025

WORLD HEALTH DAY

 World Health Day was celebrated with great enthusiasm at our school on 7th April 2025. Students from classes 5 and 6 performed an engaging awareness program. Through a vibrant presentation of songs and poems, they emphasized the importance of maintaining good health in our daily lives.
The event also featured the prize distribution for drawing competition. The winner was felicitated during the celebration, adding to the joy and spirit of the occasion. The program not only educated but also inspired everyone to adopt healthier lifestyles.





Tuesday, 8 April 2025

Project Wearable Learning

 From 27th to 29th March 2025, Mr. Tenzin Paljor and Miss Dekey Palmo visited our school to conduct the Project Wearable Learning, supported and funded by The Tibet Fund. The interactive sessions provided students with hands-on learning experiences and new perspectives on integrating technology into education.





GRADUATION CEREMONY OF CLASS XII (2025)

 The Graduation Ceremony for the Class 12 batch of 2024–2025 was held on 4th April 2025. We were honored to welcome Mr. Sonam Sichoe la, President of TCV, as the Chief Guest.

Congratulations to the Class of 2025!