རྒྱལ་ཞེན་བདུན་ཕྲག་ཐེངས་ ༡༨ པ་

 ༄༅། །གོ་པུར་གཞི་རིམ་འོག་མའི་རྒྱལ་ཞེན་བདུན་ཕྲག་ཐེངས་ ༡༨ པ་དེ་བཞིན་འདི་གར་བོད་ཡིག་ཚོགས་ཆུང་ནས་གོ་སྒྲིག་ཞུ་རྒྱུའི་སྐལ་བཟང་གི་གོ་སྐབས་ཐོབ་ཡོད།དེ་ཡང་ང་ཚོས་བདུན་གཅིག་གི་རིང་ལས་རིམ་མི་འདྲ་བ་ཁག་བཅུ་གཅིག་ཙམ་ཞིག་ནང་། སློབ་མ་བྱིངས་འཛུལ་ཞུགས་ཐུབ་པ་བྱུང་ཡོད།ལས་རིམ་གཙོ་བོ་ཁག་དཔེར་ན། རིག་རྩལ་དགོང་ཚོགས། འདྲི་རྩད། སྙན་ཚིག་དང་གཏམ་དཔེ། དེ་བཞིན་ཚིག་རྒྱག་སྐྱོར་འདོན། ཡིག་གཟུགས།རི་མོ་དང་རྩོམ་ཡིག་འགྲན་སྡུར། དཔེ་ཀློག་བཅས་ལས་རིིམ་གང་མང་ཞིག་གོ་སྒྲིག་བྱས་པ་ལགས་སོ།