སྤྱི་ལོ། ༢༠༡༧ །ལོའི་ཟླ་བ།༡༠ །ཚེས།༢༥ །ཉིན་གོ་པུར་ཕ་སྐད་དང་བླངས་ཞབས་ཞུ་ཚོགས་ཆུང་གིས་སྙན་ངག་འགྱེར་འདོན་གྱི་འགྲན་བསྡུར་ཆེན་མོ་ཞིག་གོ་སྒྲིག་

སྤྱི་ལོ། ༢༠༡༧ །ལོའི་ཟླ་བ།༡༠ །ཚེས།༢༥ །ཉིན་གོ་པུར་ཕ་སྐད་དང་བླངས་ཞབས་ཞུ་ཚོགས་ཆུང་གིས་སྙན་ངག་འགྱེར་འདོན་གྱི་འགྲན་བསྡུར་ཆེན་མོ་ཞིག་གོ་སྒྲིག་བྱས་ཤིང་དེའི་སྐུ་མགྲོན་གཙོ་བོ་ཡང་ཇི་ལྟར་གསོལ་བ་བཏབ་པ་བཞིན་སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་ནས་ཞལ་བཞེས་བརྟན་པོའི་ཐོག་དངོས་སུ་ཆིབས་བསྒྱུར་བསྐྱངས་ཡོད། འགྲན་བསྡུར་ཆེན་མོ་འདིའི་ཁྲོད་དངོས་སུ་འཛུལ་བཞུགས་ཀྱིས་སྙན་ངག་འགྱེར་འདོན་པ་བརྒྱད་ཡོད་པ་དང་སློབ་མ་ཟླ་དཀར་མཚོ་ལ་ཨང་རིམ་དང་པོའི་གཟེངས་བསྟོད་ཀྱི་བྱ་དགའ་ཐོབ་སོང།





   
         ཕ་སྐད་དང་བླངས་ཚོགས་ཆུང་གིས་ལས་རིམ་དེ་ཉིད་གོ་སྒྲིག་བྱེད་དགོས་པའི་དམིགས་ཡུལ་གཙོ་བོ་ནི་རིན་པོ་ཆེ་མཆོག་ནས་གོ་པུར་དགེ་སློབ་ཡོངས་ལ་སྨན་པའི་བཀའ་སློབ་ཞིག་བསྩལ་ཆེད་དུ་ཡིན་གཤིས། གང་ལྟར་ལས་རིམ་འདི་ཉིད་ཆུ་ཚོད་གཅིག་གི་ནང་ཚུད་ལ་མཇུག་བསྒྲིལ་ཞིང་རིན་པོ་ཆེ་མཆོག་ནས་ཀྱང་བཀའ་སློབ་བཟང་པོ་ཞིག་གནང་བས་ལས་རིམ་འདི་ཉིད་གང་ལ་གང་འཚམ་གྱི་ཚག་ཚུད་པོ་ཞིག་བྱུང་པར་སེམས།        

          རིན་པོ་ཆེ་མཆོག་ནས་ཀྱང་ཕ་སྐད་ཚོགས་ཆུང་འདི་ཉིད་མུ་མཐུད་རྒྱུན་མཁྱོངས་ཀྱིས་འབད་བརྩོན་སྔར་ལྷག་བྱེད་དགོས་པའི་ལམ་སྟོན་གནང་བར་བཀའ་དྲིན་ཆེ་ཞུ་འདོད་བྱུང་ལ་ཕ་སྐད་ཚང་གིས་རྒྱུན་ཆད་མེད་པར་ལས་རིམ་གང་མང་སྤེལ་འཆར་ཡོད།
                            གོ་པུར་ཕ་སྐད་དང་བླངས་ཞབས་ཞུ་ཚོགས་ཆུང།