སྤྱི་ཟླ་༤ཚེས༧ཉིན་རྒྱལ་སྤྱིའི་འཕྲོད་བསྟེན་གྱི་ཉིན་མོ་



སྤྱི་ཟླ་༤ཚེས༧ཉིན་རྒྱལ་སྤྱིའི་འཕྲོད་བསྟེན་གྱི་ཉིན་མོ་ཡིན་པར་བརྟེན་སློབ་ཆུང་སྡེ་མཚན་གྱི་འཛིན་གྲྭ་བཞི་པ་ཡན་གྱི་སློབ་ཕྲུག་ཆ་ཚང་གིས་བརྗོད་གཞི་འཕྲོད་བསྟེན་ཐོག་དབྱིན་བོད་གཉིས་ཀའི་ཐོའབྲི་རྩོམ་འགྲན་བསྡུར་དང་འཛིན་གྲྭ་གསུམ་པ་མན་གྱི་སློབ་ཕྲུག་རྣམས་ཀྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་བོད་ཀྱི་ཡིག་གཟུགས་ཐོག་འགྲན་བསྡུར་གནང་ཡོད། དེར་སློབ་གྲྭའི་དགེ་ཆེ་མཆོག་ནས་འབྲི་རྩོམ་དང་ཡིག་གཟུགས་རྩེ་ཕུད་ཁག་ལ་བྱ་དགའ་གྲ་སྒྲིག་གནང་བས་བྱ་དགའ་གསོལ་རས་གནང་མཁན་སློབ་གྲྭ་ཆུང་བའི་ལྟ་གྲུབ་རྒན་ལགས་ཀྱིས་གནང་ཡོད། བྱ་དགའ་གསོལ་རས་ལ་ཨང་དང་པོ་ལ་ཧིན་སྒོར་༥༠དང་ཨང་གཉིས་པ་དང་གསུམ་པ་གཉིས་ལ་ཧིན་སྒོར་༢༥རེ་གནང་ཡོད།

 


སྤྱི་ཟླ་༤ཚེས་༡༥ཞོགས་པ་དུས་འཛོམས་སར་སྡེ་མཚན་དགེ་ཆེ་མཆོག་གིས་སློབ་ཕྲུག་རྣམས་ཀྱིས་སློབ་གྲྭའི་ཁོར་ཡུག་དང་སློབ་གྲྭའི་ཅ་དངོས་དང་བཅས་བདག་གཅེས་ཅི་འདྲ་གནང་དགོས་མིན་ཐོག་གློག་བརྙན་དང་འདྲ་ དཔར་སྣ་ཚོགས་རྒྱུད་ནས་བཀའ་སློབ་ལམ་སྟོན་གནང་